གཉིས་པའི་དོན་གྱིས་[༡]དང་པོའོ། གསང་བ་ཞེས་པ་ནི་རྣལ་འབྱོར་མ་རྣམས་སོ
ཕྱུགས་ཞེས་པ་ནི་ཕྱུགས་དང་འདྲ་བས་བཟའ་བར་འོས་པ་ཡིན་ནོ་ཞེས་པའི་དོན་ཏོ།
ཕྱིན་ཅི་མ་ཁོག་པ་ལས་ཡོན་ཏན་གསུངས་པ། གང་ཞིག་བསླུ་བར་བྱེད་ཅེས་བྱ་བ་
ལ་སོགས་པ་སྟེ། མཁའ་འགྲོ་མ་དང་བཅས་ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་
དཔའ་བོ་དང་[༢]དཔའ་མོ་ཀུན་རྣམས་ས་སོ། དེ་ལ་ཞེས་པ་ནི་བླ་མའི་ཞལ་དེའི་འོ།
གསང་བ་ཞེས་པ་ནི་བསྡམས་ཤིང་བསྡམས་པའོ། དཔའ་བོ་ཉིད་འདོད་པ་ཞེས་པ་
ནི་དཔའ་བོ་ཉིད་ལ་གང་གིས་སོམ་ཉི་ཡོད་པ་དེ་དཔའ་བོའི་འདོད་པ་དང་ལྡན་པ་སྟེ་
དྲུག་པའི་དོན་ཏོ། སྔགས་འདི་ཡིས་ཞེས་པ་ནི་འོག་ནས་འཆད་པར་འགྱུར་བ་ཡིས་
ོསོ༑ བསྟོད་པར་བྱ་ཞེས་པ་ནི་[༢]ཚིག་གི་ལྷག་མའོ། དཔའ་བོ་དང་ནི་རྣལ་འབྱོར་
མ༑ ཕོ་ཉ་རྣམས་དང་ལྷན་ཅིག་ག་གནས། ཞེས་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཀུན་
དང་ལྷན་ཅིག་ཏུའོ། དེ་ནས་ཞེས་པ་ནི་རྒྱུ་གང་གིས་དེ་དང་དེ་བསྲུང་བའི་རྒྱུ་དེ་
ཡིས༑ ཐམས་ཅད་དུ་ནི་མཁའ་འགྲོ་མ། ཀུན་དུ་ཞེན་པར་བལྟ་ལ་གནས།
ཞེས་པ་གཞན་དང་འབྲེལ་ཏོ[༤]། ༐བསོད་ནམས་ཐོབ་པ་ཡིན་ཞེས་པ་ནི་[༥]བསོད་
ནམས་གཟིགས་པའོ། རྣལ་འབྱོར་མ་དང་གསང་བའི་མི། ཞེས་པ་ནི་དམ་
ཚིག་ཡོངས་སུ་བསྐང་[༧]བར་བྱ་བའི་ཕྱིར་ན་འོ། གསང་བའི་མིའི་བདག་ཉིད་ད་དང་
མཚུངས་པའི་ཕྱིར་རོ། རྣལ་འབྱོར་མ་དང་མི་ཞེས་པ་དང་། ལྷན་ཅིག་ཏུ་ཞེས་
དགོངས་པའོ། འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་བརྒྱད་པའོ།
མདའ་ཞེས་པ་ནི་ཀ་ནི་བདེ་བའོ། སྒོ་ང་ནི་གནས་ཡིན་ཏེ་གནས་བཅོམ་
ལྡན་འདས་སོ། ཚོགས་ཞེས་པ་ནི་བཅོམ་ལྡན་འདས་འདི་ཞེས་པ་སྟེ་ཚོགས་པ་
ཕག་མོ་འོ། འདིར་སྔགས་དང་ལྷ་དག་ཐ་མི་དད་པ་ཡིན་པའི་ཕྱིར་བཅོམ་ལྡནོ་
97


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*