ཀྱང་ཡིག་ལས་རྫོགས་པ་དྲུག་གི་བསྙེན་པ་དང་སྦྱིན་པ་ལ་སོགས་པས་རྩ་བའི་ལྟུང་བ་
ལས་གྲོལ་ཞིང་མི་དགེ་བ་སྤངས་པས་གྲོལ་བར་འགྱུར་རོ། མཚམས་མེད་པ་ལ་
སོགས་པ་བྱས་པའི་སྡིག་པ་ལས་གྲོལ་བར་འགྱུར་རོ། ངེས་པའི་དོན་ཏོ། སྡིག་
པ་གྲོལ་བ་བསོད་ནམས་བསྐྱེད་པའི་ཆོ་གའོ། དེ་ལས་ཅིར་འགྱུར་ཞེ་ན་གསུངས་
པ༑ རྣལ་འབྱོར་པ་ཉིད་བསོད་ནམས་མཆོག དག་བྱེད་སྡིག་པ་འཇིག་བྱེད་
པའོ༑ སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བ་ཡིས་ཀྱང་བསྒྲུབ་པར་
བྱ༑ ཞེས་སྒྲུབ་ཐབས་གསུངས་སོ། རྣལ་འབྱོར་པ་ཉིད་ནི་མངོན་པར་ཤེས་པ་ལྔ་
དང་དཀྱིལ་འཁོར་གྱི་འཁོར་ལོ་གྲུབ་པ། ས་བདུན་པའི་དཔཥང་པོ་ཉིད། དེ་
ནས་ས་བརྒྱད་པའི་དབང་པོ་ཉིད[༢]། སྤྱོད་དུས་སུ་ཡང་། དེ་བཞིན་དུ་གསུང་རྡོ་
རྗེའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པས་བརྒྱད་པའི་དབང་ཕྱུག་ཅེས་ས་སོ།
ཡང་ན་ས་བཅུ་པའི་དབང་པོ་ཉིད་དེ་རང་བྱིན་གྱིས་བརླབ་པའི་ཡེ་ཤེས་ལས་སྐྱེས་པ་
སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སོགས་པའི་རྣལ་འབྱོར་པ་
ཉིད་ཀྱང་སྒྲུབ་པར་བྱེད་དོ་ཞེས་པའི་དོན་ནི་སྒྲུབ་པའི་ཕྱིར་ཞེས་པའི་དོན་ཏོ།
སྔགས་ཀྱི་བཟླས་པས་ནི་སྔགས་རྣམས་གསུངས་ཏེ། སྔགས་ཀྱི་སྒོ་ནས། ཨོཾ་སུམྦྷ་
ནི་སུམྦྷ་ཧུ་ཧཱུཾཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾཾུ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུ་ཧཱུཾཾུ་ཕཊ།
ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་བཱན་བཛྲ་ཧུ་ཧཱུཾཾ་ཕཊ། ཅེས་པ་ཞལ་བཞི་པའི་སྔགས་ས་སོ།
ཨོཾ་ན་མོ་བྷ་ག་བ་ཏེ་གཱི་རེ་ཤཱ་ཡ། མ་ཧཱ་ཀལྤསྣི་[༢]སནྣི་བྷཱ་ཡ། ཛ་ཊ་མུ་ཀུ་ཊོ་ཏ་ཊ་
ཡ༑ དཾ་ཥྚཱ་ཀ་ར་[༤]ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། བརོ་ཤུ་པཱ་
ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། རྱ་གྷཱི་[༥]ཛ་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷུསྦྲུནྡྷ་ཀཱ་ར་བ་
པུ་ཥཱ་ཡ། ཞེས་པ་རྐང་པ་བརྒྱད་པའི་སྔགས་ས་སོ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནྡྷ་
བནྡྷ་ཏྲཱ་ས་ཡ་ཏྲཱ་ས་ཡཀྵུ་བྷ་ཡཀྵོ་བྷ་ཡ། ཧྲཾ་ཧྭཽཾ་ཧྲཿཧྲཿཕེཾ་ཕོཾ་ཕཊ་ཕཊ། ད་ཧ་ད་ཧ། པ་
9 བྱ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*