ཞེས་སོ། གསང་བ་དང་། ཤེས་ར་བ་དང་། བཞི་པ་ནི་འབྲས་བུ་ཞེས་བརྫོད་
དོ༑ དེའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་ཉིད། འཕོ་བ་མེད་པ་ཡང་ལྷན་
ཅིག་སྐྱེས་པ་མི་འགྱུར་བ་ངེས་པར་བཞི་པར་བརྫོད་དོ་ཞེས་པ་ཟུང་དུ་འཇུག་པ་གྲུབ་
པའོ༑ བུམ་པས་མོངོན་པར་དབང་བསྐུར་བ་ནི་སློབ་དོཔོན་གྱི་དབང་བསྐུར་བའོ།
གསང་བ་བལྟ་བས་དང་། བདུད་རྩི་མྱང་བས་གསང་བའི་དབང་བསྐུར་བའོ།
ལས་ཀྱི་ཕྱག་རྒྱ་གཏད་པས་དང་། དབང་པོ་གཉིས་ཀྱི་བདེ་བ་རྟོགས་པས་ཤེས་རབ་
ཡེ་ཤེས་ཀྱི་དབང་བསྐུར་བའོ། ནོར་བུའི་ནང་དུ་ཚུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་
བདེ་བ་རྟོགས་པས་བཞི་པའོ། དྲང་བའི་དོན་ཏོ། འདིར་བུམ་པའི་སྒྲས་ནུ་མ་
བརྗོད་དེ། དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་བུམ་པའི་
དབང་བསྐུར་བའོ། གསང་པར་རྡོ་རྗེས་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་
པ་དེ་གསང་བའི་དབང་བསྐུར་བའོ། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་
ལས༑ གཡོ་བའི་བདེ་བ་གང་ཡིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།
ཕྱག་རྒྱ་ཆེན་མོ་[༢]ལ་རྗེས་སུ་ཆགས་པར་འགྱུར་བ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་
བཞི་པ་དེ་སླར་དེ་བཞིན་གྱི་མངོན་པར་དབང་བསྐུར་བ་དོན་དམ་པའོ་ཞེས་པ་ངེས་
པའི་དོན་ཏོ། དེ་ཉིད་བསྡུས་པ་དཔལ་དང་ཡང་། གསང་བའི་རྡོ་རྗེ་འཇིགས་
བྱེད་དེ། དཀྱིལ་འཁོར་རྒྱས་པའི་དབང་པོ་འདི། མ་བྱུང་འབྱུང་བར་མི་འགྱུར་
རོ༑ ཞེས་པ་དཀྱིལ་འཁོར་གྱི་ཕན་ཡོན་ནོ། སྒྲ་ཇི་བཞིན་པའོ། ཆུ་དང་ཅོད་
པན་ལ་སོགས་པའི་དབང་མདོར་བསྡུས་ནས་བསྟན་པའི་ཚུལ་ལོ། བཤད་དང་མ་
བཤད་གང་ཅི་འང་རུང་། དེ་ཀུན་དཔ་ལ་ཧེ་རུ་ཀར་གནས། ཞེས་པ་ནི་དབང་
མང་པོ་རྒྱུད་ཕན་ཚུན་དུ་འབྲེལ་པ་དེ་ཡང་བརྗོད་ད་དོ། སྒྱུ་འཕྲུལ་དྲ་བར་ཡང་
གསུངས་པ། ཆུ་སོགས་མངོན་པར་དབང་བསྐུར་བདུན། མཁས་པས་ཐ་དད་
92


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*