ཅུ་རྩ་བཞི་ཐེག་པ་ཆེ སྔགས་ཀྱི་སྤྱོད་པའི་ཚུལ་ལ་གནས། ཞེས་སོ། འདིར་
དེ་ཁོ་ན་ཉིད་ཀྱི་མདོ་སྡེ་གསལ་བའི་ཕྱིར། རྟོག་པ་ལས་རྟོག་པ་ཉིད་དང་།
སྔགས་ལས་བྱེ་བྲག་ཏུ་རྟོགས་པར་བྱེད་པའི་[༡]ཕྱིར་རྒྱུད་དང་རྒྱུད་ཀྱི་མིང་ཡང་འདོད་
དེ་འདིར་སྔགས་ཀྱི་ཐེག་པ་ལས་གཞན། ལྷའི་ཐེག་པ་དང་རྡོ་རྗེའི་ཐེག་པ་དང་།
མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བའི་བདག་ཉིད་ཅན་ན་ནོ། འདིར་
ཕུང་པོའི་ཆོས་རྣམས་ལ་མངོན་དུ་ཕྱོགས་པར་བྱེད་དོ་ཞེ།ས་པ་ཆོས་མ་ངོན་པ་སྟེ།
ཕུང་པོ་ལ་སོགས་ངེས་པར་བསྟན་པའི་ཕྱིར་རོ། རྩ་བ་དང་སྦོམ་པོའི་ལྟུང་བ་ངེས་
པར་བསྟན་པའི་ཕྱིར་འདུལ་བ་ཉིད་དོ། དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི།
མཁའ་འགྲོ་རྣམས་ཀྱི་སྙིང་ཉེ་བྱེད། དཔལ་ཧེ་རུ་ཀ་[༢]ལྷ་ཡི་ནི། དངོས་གྲུབ་
གདོན་མི་ཟ་བར་སྦྱིན། འབྲས་བུ་ངེས་པར་བསྟན་པའོ། རྐང་པ་ཀུན་ལ་དང་
པོར་ཨོཾ། མ་མོ་རྣམས་ཀྱི་མིང་དང་ལྡན། རེ་རེའི་མཐའ་མར་ཧཱུཾཾུ་ཕཊ་ཡིག
དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། ཅེས་པ་བླ་མའི་དགོངས་པ་གསུངས།
བླ་མར་ཡང་། གནས་དང་བླ་མའི་བརྒྱུད་རིམ་འབྲངས། རྣལ་འབྱོར་མ་
རྣམས་ཁ་ཅིག་འདོད། ཨོཾ་ཡིག་དང་པོ་ཞེས་པའོ། མ་མོ་བྱ་རོག་གདོང་མ་ལ་
སོགས་པའི་མིང་དང་ལྷན་ཅིག་བཛྲ་སྔོན་མའི་ཧཱུཾ་ཧཱུཾཾ་ཕཊ་ཀྱི་ཡི་གེ་དང་ལྷན་ཅིག་པ་ནི་
བཟླས་པར་བྱ་བའོ། དེ་བཞིན་དུ་ཡང་གསུངས་པ། ན་མོ་བྷ་ག་ཝ་ཏེ་གཱི་རེ་ཤཱ་ཡ་
བཛྲ་ཀཱ་ཀཱ་སྱེ་ཧུ་[༢]་ཧཱུཾཾུ་ཕཊ་། འདི་ལྟ་བུར་གཞན་རྣམས་ཀྱང་རྟོགས་པར་བྱའོ།
སྒྲ་ཇི་བཞིན་པའོ། རྐང་པ་བརྒྱད་པའི་སྔགས་ས་སོ། དེ་ནས་སྙིང་པོའི་སྔགས་ས་སུ་
གང་འགྱུར་བ་ནི། ཡི་གི་ཉི་ཤུ་གཉིས་ཞེས་པས་གནས་ལས་སྐྱེས་པའི་གསང་
སྔགས་ངེས་པར་སྟོན་པར་བྱེད་པ་སྟེ། དེ་བཞིན་དུ་ཡང་གསུངས་པ། ཨོཾ་ཤྲཱི་
བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུ་[༤]ཧཱུཾཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། མངོན་པར་བརྗོད་པ་
9704


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*