ཡན་ལག་དྲུག་དགོད་པ་བྱས་ཏེ་གཉིད་ལོག་པར་བྱའོ། དེ་ནས་མ་ཚན་མོ་ཕྱེད་ལ་
ཡང་དེ་བཞིན་དུ་བསྒོམས་ནས་རྨི་ལམ་ད་གི་བ་བལྟ་བར་བྱའོ། ཆུ་ཚོད་ལྔ་པའི་
ཐུན་མཚམས་ཀྱི་བདག་ཉིད་ལ་ཡང་ངོ་། དེ་ནས་སྔ་དྲོའི་ཐུན་མཚ་མས་ལ་རྡོ་རྗེ་
ཕག་མོ་བསྒོམས་ནས་མངོན་པར་བརྗོད་པ་གསུངས་པ་སྔར་བཞིན་དུ་ཐམས་ཅད་
བྱའོ༑ ཤིན་ཏུ་དགའ་བ་ལ་འང་འོད་དཔག་མེད་བོསྒོམས་ནས་ཡན་ལག་དགོད་པ་
བྱས་ཏེ། ཤིན་ཏུ་དགའ་བའི་མཐར་དོན་ཡོད་པའི་བདག་ཉིད་མྱང་བར་བྱའོ།
ལྷག་མ་ལས་ཐམས་ཅད་ནི་མི་བསྐྱོད་པའི་སྦྱོར་བས་བྱའོ། དེ་ལྟར་སྡོམ་པ་ལྔ་པ་
སྦོམ་པོའི་ལྟུང་བ་དང་། ཕས་ཕམ་པ་སྤངས་ཏེ་བཟུང་ནས་བསྒོམ་པར་བྱའོ། དེ་
ལས་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ཏུ་འགྱུར་རོ། དེ་[༢]ནི་རྫོགས་པའི་རིམ་
པས་སངས་རྒྱས་ཉིད་ཆེད་དུ་ངེས་པར་འཇུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ།
བཤད་པའི་རྒྱུད་དུ་ཡང་གསུངས་པ། འདི་རྟག་ངེས་པར་འཛིན་བྱེད་པ། ཆོས་
ཀུན་རྟོགས་པར་བྱེད་པ་ཡིན། ཨཱ་ལི་ཀཱ་ལི་བདུན་[༢]བསམས་ནས། རྣལ་འབྱོར་
ཆེན་པོས་ངལ་བསོ་བྱ། ཞེས་པ་འདི་མདོར་བསྟན་པ་དང་རྒྱས་པར་བཤད་པ་
གསུངས་པ་དེ་ཉིད་དུ་རྣལ་འབྱོར་པ་དང་པོར་བརྗོད། དེ་ཉིད་ཧེ་རུ་ཀ་གཉིས་མེད།
ཨ་ཨཱ་ཨི་ཨཱི་ཨུ་ཨུ་རྀ་རྀུ་ལྀ་འོཊྭྀ་ཨེ་ཨོཻ་ཨོ་ཨོཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་
ཋ་ཌ་ཌྷ་ཎ ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ ཤ་ཥ་ས་ཧ་ཀྵ ཾཞེས་
སོ༑ སོ་སོར་རྒྱས་པར་བཤད་པ་ཡང་ཀུན་སྤྱོད་ད་དུ། ཟླ་བའི་དཀྱིལ་འཁོར་ལེགས་
རྫོགས་པ། ལྟེ་བའི་རྩ་བར་གནས་པ་བསྒོམ[༤]། དེ་ཡི་དབུས་སོན་བསམ་པ་ནི།
ཡི་གེ་དམ་པའི་གོ་འཕང་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ལྷ་ཡི་
གཟུ་གས་སུ་བསྒོམ་པར་བྱ། གོང་བུ་ལས་འདས་བསྒོམ་པ་དེ། སེམས་
ཉིད་དུ་ནི་མི་བོསྒོམ་མ་མོ། བདག་གི་རྣལ་འབྱོར་པ་ཡི་སྦྱོར། རྗེས་སུ་
7་།8


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*