ཞེས་པ་ནི། གཟུ་གས་ཡོངས་སུ་བསྒྱུར་བའི་མཚན་མ་དང་ཕྱག་རྒྱ་གསུངས་ཏེ།
བདུད་རྩི་ལྔ་ནི་རིགས་ལྔ་སྟེ་དགོངས་པའོ། གཟུགས་ཅན་མ་དང་འོ་བྱེད་མ།
ལཱ་མ་ཡོངས་གྱུར་བྱིས་བཅས་མ། མི་ལྡོག་འདི་པ་མེ་ལྷ་མོ། མཁའ་འགྲོ་མ་ནི་
རྣམ་བདུན་བཤད། ཅེས་པ་མདོར་བསྟན་པའོ། བྲམ་ཟེ་དང་། གཏུམ་པོ་
དང་༑ གར་མཁན་དང་། ཚོས་མཁན་དང་། གཡུང་པོ་དང་། རྒྱལ་རིགས་
དང་༑ དམངས་རིགས་ཏེ། དེ་དག་གི་རིགས་ལས་ཡང་དག་པར་བྱུང་བ་འདི་
དག་ཀྱང་བདུན་ན་ནོ། གང་ཞིག་སྨིན་མ་འདེགས་བྱེད་ཅི་ང་། མངོན་པར་ཞེན་
པས་བལྟ་བ་དང་། སྔོན་གྱི་གཟུགས་ནི་སྡུད་བྱེད་ཅི་ང་། ཕྱི་ནས་འཇིགས་[༡]པ་ར་
བྱེད་པ་ཉིད། དེ་ནི་གཟུགས་ཅན་མར་ཤེས་བྱ། དཔའ་བོ་གཉིས་མེད་བསྟེན་
པའོ༑ ཞེས་པ་རྒྱས་པར་བཤད་པོའོ། གསུངས་པ་ཡང་། དེ་ཡིས་གང་བྱིན་
པའི་དམ་ཆིག་རྫས་དེ་བཟའ་བར་བྱའོ། ཇི་སྲིད་དུ་ལན་བདུན་བཟླས་ལ་དབང་དུ་
བྱས་ཏེ། དེ་ནས་མཁའ་ལ་སྤྱོད་པ་ཉིད་དོ་ཞེས་སོ། སྔོན་ནི་དང་པོ་པོ་པའི་
གཟུགས་སོ། འཇིགས་[༢]པ་ནི་ཡོངས་སུ་བསྒྱུར་བའི་གཟུགས་རང་གི་གཟུགས་ཀྱིས་
གནས་པར་བྱེ་ད་དོ་ཞེས་པའི་དོན་ཏོ། འདོད་པའམ་གལ་ཏེ་མི་འདོད་རུང་།
བྱིས་པ་འཁྱུད་ཅིང་འོ་བྱེད་པ། དེ་ནི་འོ་བྱེ་ད་མར་ཤེས་བྱ། མཁའ་འགྲོ་སྡིག་པ་
འཇོམས་བྱེད་མོའོ། ཟུར་བལྟ་གོདོང་ལ་ཁྲོ་གཉེར་ཅན། རྡོ་རྗེ་སྨིན་བསྒྱུར་
སྔིགས་མཛུབ་དང་། དབུགས་འབྱིན་འཇིགས་པར་བྱེད་གང་ཡིན། དེ་ནི་ལཱ་
མར་རྣམ་ངེ་ས་བསྟན། འཇིགས་པར་བྱེད་པ་ནི། ཧཱུཾ་ཡིག་ལ་སོགས་པའི་
བདག་ཉིད་དང་ཆགས་པའི་བདག་ཉིད་དོ། ཕག་དང་རི་བོང་ཅན་བྱི་ལ། ཅེ་
སྤྱང་ར་དང་རྟ་སོགས་ཀྱི[༤]། གཟུགས་ཀྱིས་ཀུན་དུ་སྐྲག་ཅིང་འཇིགས། དེ་ནི་
ཡོངས་འགྱུར་མ་ཞེས་བཤད། ཅེས་སོ། ཕག་ནི་ཕག་གོ བྱི་ལ་ནི་བྱི་དགྲའོ།
974


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*