མཁའ་དང་མཚུངས་པའི་ལྷ་མོ་གསུམ་པོ་རྣམས་ཀྱི་སྐུ་རྣམས་ཀྱིས་རྩེ་བར་བྱེད་པ་དམ་
ཚིག་གི་ཕྱག་རྒྱ་བསྒོམ་པར་བྱ་ཞིང་ཤེས་པར་བྱའོ། ཉིན་དང་མཚན་མོར་ནི་ཤེས་
རབ་དང་། ཐབས་དཔལ་བླ་མའི་ཞལ་ལས་ས་སོ། འགྲུབ་འགྱུར་ནི་སངས་རྒྱས་
ཉིད་དུ་ཉེ་བར་འགྲོ་བའོ། ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང་། དོངོས་མེད་
དོངོས་མེད་[༡]ཀྱང་མེད་པའང་། དེས་ཀྱང་སངས་རྒྱས་ཉིད་དུ་བརྗོད། ཅེས་སོ།
སྒྲ་ཇི་བཞིན་པའོ། རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་གང་ཡིན་པ་དེ་རྣམས་འོ་བྱེད་
པ་དང་འཁྱུད་པས་རབ་ཏུ་འབད་པས་བསྒྲུབ་པར་བྱའོ། རྣལ་འབྱོར་གནས་ཀྱི་
ཁྱད་པར་ལས། ཞེས་པ་ནི་རིགས་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་རིགས་ལྡན་མ་ན་མ་ནི་
སུམ་ཅུ་རྩ་བདུན་པའོ། དེ་བཞིན་དུ་རྩ་བའི་རྒྱུད་དུ་ཡང་། འདིར་རྡོ་རྗེ་ཕག་མོ་
ནི་རིགས་ལྡན་མའོ། རིགས་མེད་མ་ནི་གཡུང་མོའོ། མཁའ་འགྲོ་མ་ནི།
དམངས་རིགས་མའོ། ལཱ་མ་ནི་རྒྱལ་རིགས་མའོ། དུམ་སྐྱེས་མ་ནི་རྗེ་རིགས་
མའོ༑ གཟུ་གས་ཅན་མ་ནི་བྲམ་ཟེའོ། བྱ་རོག་གདོང་མ་ནི་ཀླ་ཀློ་མོའོ། འུག་
གདོང་མ་ནི་ཕྱག་བདར་མཁན་མའོ། ཁྱི་གདོང་མ་ནི་གདོལ་པ་མོའོ། ཕག་
གདོང་མ་ནི་སྟག་གཟིག་མའོ། གཤིན་རྗེ་བརྟན་[༢]མ་ནི་རི་ཁྲོད་མའོ། གཤིན་རྗེ་
ཕོ་ཉ་མོ་ནི་བྷིལླིའོ། གཤིན་རྗེ་མཆེ་བ་མོ་ནི་སྦོས་མའོ། གཤིན་རྗེ་འཇོམས་མ་ནི་
སྨྱོན་ཐབ་མའོ། རབ་ཏུ་གཏུམ་མོ་ནི་མདའ་མཁན་མོའོ། གཏུམ་མིག་མ་ནི་ཆང་
འཚོང་མའོ། འོད་ལྡན་མ་ནི་ཕྲེང་མཁན་མའོ། སྣ་ཆེན་མ་ནི་གསེར་མགར་
མཁན་མའོ། ༐་དཔའ་བོའི་[༨]བློ་གོས་[༤]མ་ནི་ཁྲོན་པ་མཁན་མའོ། མིའུ་ཐུང་མ་ནི་
འོད་མའི་གར་མཁན་མའོ། ལང་ཀའི་དབང་ཕྱུག་མ་ནི་འཁར་བ་མ་ཁན་མའོ།
ཤིང་གྲིབ་མ་ནི་ནོར་བུ་མཁན་མ་འོ། ས་སྲུང་མ་ནི་ལྕགས་མཁན་མ་འོ།
འཇིགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མ་འོ། རླུང་ཤུགས་མ་ནི་སྲིན་བལ་མཁན་མོའོ།
974


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*