དཔལ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ།

སྤྱོད[༡]་པ་གསུངས་ཏེ། སེམས་དག་ནི་རྡོ་རྗེ་མཁའ་འགྲོར་གསུངས་པའི་དགོངས་ས་སུ་
གསོལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་བའོ། རྡོ་རྗེ་རྩེ་
མོའི་རྒྱུད་དུ་ཡང་གསུངས་པ། སེམས་ནི་མ་སྐྱེས་པ་ལ་ཡང་། དངོས་གྲུབ་འགའ་
[༢]ཡང་ཐོབ་མི་འགྱུར་། དཔལ་འདུས་པར་ཡང་འདི་ལྟ་སྟེ། དངོས་པོ་ཐམས་
ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་བྱ་འཛིན་པ་པ་པོ་
སྤངས་པ། ཆོས་བདག་མེད་པ་མཉམ་ཉིད་པ། རང་སེམས་གདོད་ནས་མ་སྐྱེས་
པ༑ སྟོང་པ་ཉིད་ཀྱི་རང་བཞིན་ནོ། ཞེས་སོ། ལུས་པ་ནི་དུམ་བུའོ། མ་
ལུས་པ་ནི་ལུས་པ་མེད་པ་སྟེ། བྱས་ནས་ནི་སོ་སོར་བྱིན་གྱིས་བརླབས་པའོ།
འདི་ལྟ་སྟེ་ཀུན་སྤྱོད་དུ་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་ད་དོ། ཚོར་བའི་
ཕུང་པོ་ལ་རྡོ་རྗེ་ཉི་མའོ། འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང་ཕྱུག་ག་གོ།
འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ། རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་
དཔའོ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་དཔལ་ཧེ་རུ་ཀ་རྡོ་རྗེའོ། མིག་
དག་ལ་གཏི་མུག་རྡོ་རྗེའོ། རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ། སྣ་དག་ལ་ཕྲག་དོག་རྡོ་
རྗེའོ༑ ཁ་ལ་འདོད་ཆ་གས་རྡོ་རྗེའོ། རེག་ལ་སེར་སྣ་རྡོ་རྗེའོ། སྐྱེ་མཆེད་
ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ། སའི་ཁམས་ལ་ལྟུང་བྱེད་མའོ། ཆུའི་ཁམས་
ལ་གསོད་བྱེད་མ་འོ། མེའི་ཁམས་ལ་འགུགས་བྱེད་མོའོ། རླུང་གི་ཁམས་ལ་
གར་གྱི་དབང་ཕྱུག་མའོ། ནམ་མཁའི་ཁམས་ལ་པདྨའི་དྲ་བ་ཅན་མའོ། དེ་ལྟར་
ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཐམས་ཅད་
ལའོ༑ བླ་མར་ཡང་། ལུང་དང་བྲལ་བའི་རྣལ་འབྱོར་པ། སངས་རྒྱས་རིགས་
ཅན་འབྱུང་བར་འགྱུར། ལུང་ནི་དོར་བར་མི་བྱ་ཞིང་། དཀོན་མཆོག་གསུམ་
ཤེས་དོར་མི་བྱ། ཐོགས་མེད་ལུས་ལ་གནས་པ་ནི། བསྟན་བཅོས་བཤད་པ་
977


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*