རྣམ་དབྱེ་ལས། སྙོམས་པར་འཇུག་པ་སེམས་འཛིན་པ། བྱང་ཆུབ་མཆོག་ནི་
བསྒྲུབ་པར་བྱ། བླ་མའི་ཉེ་བསྟན་ལ་ཀུན་ཞེན། དེ་ཡི་དོན་གྱིས་ནོར་སྦྱིན་
མཚུངས། ཞེས་པས་འབྲས་བུ་གསུངས་ཏེ། གང་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་
དེའི་རལ་གྲི་དང་སྣག་ཚ་དང་ཚོང་ལ་སོགས་པ་བརྟེན་པའི་ཆོས་སྤངས་པ་དེའི་བྱ་བ་
ཐམས་ཅད་བྱེད་པ་ནི་ཕོ་ཉ་མོ་ཤེས་རབ་མའོ། གསུངས་པ་ཡང་བྱང་ཆུབ་སེམས་
དཔའ་ནི་ཟོལ་པ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་བཅོས་མར་བྱེད་དོ།
མཆོག་ཏུ་ལེགས་པར་བསླབས་པའི་ལྷ་མོ་གཞན་ལ་ཆགས་པ་མ་ཡིན་པ་ལ་མཆོག་ཏུ་
བརྩོན་པ་ནི་དེའི་བྱ་བ་ལ་རང་བདེ་བ་ཆེན་པོ་བསྒྲུབ་པ་ལ་ཡང་ངོ་། དེའི་མཚན་
ཉིད་ཐམས་ཅད་དང་ལྡན་པའི་བཤེས་གཉེན་ཅན་གང་འདི་ལ་ཆགས་པ་ནི་བདེ་བ་
ཆེན་པོའི་ཏིང་ངེ་འཛིན་སེམས་ངེས་པར་ཆགས་པའི་རྣལ་འོབྱོར་པའོ། བླ་མར་
ཡང་༑ འཇིགས་པ་ངེས་བཅོམ་ཡོངས་སུ་དག་པའི་བློ། སྤྲོས་པའི་རྣམ་རྟོག་མ་
ལུས་བཅོམ་བྱས་པ། བྱམས་དང་སྙིང་རྗེའི་རྒྱན་གྱིས་བརྒྱན་པའི་ལུས། རྣལ་
འབྱོར་པ་བདག་མ་ཆགས་པ་དེ་བར་གནས། ཞེས་སོ། དགའ་བ་ལེགས་སྦྱོར་
ལས་ནི་མི་འཕོ་བ་རྫོགས་པར་ལོངས་སྤྱོད་པ་ལས་ས་སོ། བྱང་ཆུབ་མོཆོ་ག་ནི་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་གདུལ་བྱ་རྣམས་ལ་རྟོགས་པར་བྱེད་ད་དོ་
ཞེས་པས་བྱང་ཆུབ་སྟེ་གཞན་གྱི་དོན་བྱེད་པའོ། སྙོམས་འཇུག་ལ་ནི་ལས་དང་ཡེ་
ཤེས་ཀྱི་ཕྱག་རྒྱ་དག་གསུངས་པ་ཡང་། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་།
ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་ལ། བདེ་བ་ཆེན་པོ་བྱང་ཆུབ་སེམས། བརྟུལ་ཞུགས་
བརྟན་པོས་བསྲུང་བར་བྱ། ཞེས་སོ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་
ཏན་རྣམས་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་། དག་པ་མཆོག་ཏུ་མི་འགྱུར་བ་
དེ་འཛིན་པར་བྱེད་དོ་ཞེས་པས་འཛིན་པའོ། དགོངས་པའོ། བླ་མས་ཉེ་བར་
9777


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*