ད་པ་ལརྗ་མ་པ་འི་འགྲེལ་བ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ།

ནི་དབང་འགྱུར་ན། ཕྲན་ཚེགས་མི་ནི་སྨོས་ཅི་དགོས། ཞེས་ཏེ། ཆང་ནི་བུ་
ར་མ་ལས་བྱུང་བ་[༡]དང་རྒུན་འབྲུམ་གྱི་ཤིང་ལས་སྐྱེས་པའི་བཏགས་པ་ལས་བྱུང་བོའོ།
སངས་རྒྱས་ནི་མཁས་པའོ། སྒྲ་ཇི་བཞིན་པའོ། ཁ་ཆུ་སོ་ཤིང་དག་དང་ནི།
དེ་བཞིན་རང་གི་ལུས་མཉེས་པ། མིང་དང་མྱོས་བྱེད་སྦྱིན་སྲེག་ག་གིས། འཇིག་
རྟེན་གསུམ་ཡང་དབང་དུ་བྱེད། ཅེས་ཏེ། ཁ་ཆུ་ནི་སྐྱུགས་པ་འམ་[༢]མཆིལ་མའོ།
མྱོས་བྱེད་ནི་རྩ་བ་བཅུ་པ་ལ་སོགས་པའི་རྩ་བ་མོའོ། ་སྒྲ་ཇི་བཞིན་པའོ། ཟླ་
མཚན་ལྡན་པའི་ཁྲག་དང་ནི། རྗོས་ནས་སྐྱུགས་པ་དག་དང་ནི། མི་ཡི་སྐྲ་དང་
ལྡན་པ་ཡི།་།སྦྱིན་སྲེག་གིས་ནི་འགུགས་པར་འགྱུར། སྒྲ་ཇི་བཞིན་པའོ། ར་ང་
གི་ལུས་ལས་ཟོས་པ་སྐྱུགས། ནིམ་པའི་ཤིང་ལ་མེ་སྦར་ནས། མཁས་པ་ར་ང་
སྒྲའི་སྦྱིན་སྲེག་བྱ། མོད་ལ་མཆོག་ཏུ་སྡང་བར་འགྱུར། ཞེས་ཏེ་རང་གི་ལུས་ནི་
ཁྱིའོ༑ སྐྲ་ནི་བསྒྲུབ་[༨]བྱའིའི་འོ། མཁས་པ་ནི་ལས་རབ་འབྱམས་ཤེས་པའོ[༤]། སྒྲ་
ཇི་བཞིན་པའོ། སྨྱོ་བྱེད་མེ་ལ་བརྒྱད་བརྒྱར་ནི། ཚ་བའི་ཏིལ་མར་གྱིས་བསྒྲེས་[༥]
པས༑ བྱ་རོག་གཤོག་པས་སྦྱིན་སྲེག་བྱ། ངེས་པར་འཕྲལ་དུ་སྐྲོད་པར་འགྱུར།
མི་ཡི་ཤ་ནི་ཁྲག་དང་ལྡན། རྭ་ཅན་དུག་དང་མཉམ་ལྡན་པ། མཚན་མོ་དུར་
ཁྲོད་སྦྱིན་སྲེག་བྱ། དགྲ་བོ་མྱུར་དུ་གསོད་པར་འགྱུར། ཞེས་ཏེ་མཚན་མོ་ནི་
ཐུན་ཚོད་གཉིས་པ་ལའོ། གསུངས་པ༐་ལས་ཀྱང་[༦]། ཞི་བ་ཅན་ནི་སྲོད་ལ་བྱ།
དེ་ནས་ཐོ་རངས་རྒྱས་པ་ཅན། ཉི་མ་གུང་དང་མཚན་ཕྱེད་ལ། དབང་དང་
བསྐྲད་པ་ལ་སོགས་སོ། དཀོན་མཆོག་གསུམ་ལ་སོགས་པ་ལ། གནོད་པ་བྱེད་
པའི་དགྲ་བོ་ལ་སྟེ་ཉེས་པ་ཕྱུང་དུས་མི་བྱ་སྟེ་དོངོས་གྲུབ་ཉམས་པར་འགྱུར་ར་རོ། སྒྲ་
ཇི་བཞིན་པའོ། ཅེ་སྤྱང་ཤ་ཡིས་[༧]སྲེག་བླུགས་བརྒྱ ཡང་དག་སྦྱིན་སྲེག་བྱེད་
པའི་མི། དེ་ནི་ཇི་སྲིད་འོཚོ་བར་དུ། ལག་ཏུ་དཔལ་འོང་ཐེ་ཚོམ་མེད། ཅེས་
9847


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*