དང་དབུགས་བྲལ་དུ་ཤེས་པར་བྱོའོ། དེར་ནི་དཀྱིལ་འཁོར་བྲི་བར་བྱ།
ཞེས་བུམ་པའི་དབང་བསྐུར་བའི་དུས་ཀྱི་རྡུལ་ཚོན་གྱིས་[༡]དཀྱིལ་འཁོར་བྲི་ཞིང་བསྒོམ་
པར་བྱ་བ་ཡང་དེ་ཉིད་དུ་ཤེས་པར་བྱ་བ་ཉིད་དོ། ཡང་གསང་བ་དང་གསུམ་པ་
ལྟར་ན། རི་བོ་ནི་ཤེས་རབ་རིག་མའི་ཚང་ཚིང་ནི་སྐྲ་དང་བ་སྤུའི་ཚོགས་
འཁྲིགས་པ།་ཕུགས་རྣམས་སམ་ཞེས་པ་ལུས་ཀྱི་གནས་དང་ཉེ་གནས་ལ་སོགས་
པར་འདུ་བའི་སའོ། སྨན་ལྗོངས་ནི་ལུས་ལ་ར་ས་ཡཱ་ན་གནས་པ་དག་ག་གོ། ཆུ་
ཆེན་པོ་ནི་རྩ་གསུམ་པོ་ནས་འབབ་བོ[༨]། དེ་དག་གི་ངོགས་དག་ནི་ལུས་ཀྱི་ཕྱོགས་
ཐམས་ཅད་དོ། གདོད་ནས་གྲུབ་པ་ནི་ཐོག་མར་ལུས་ཆགས་པ་ནས་ས་སོ། དུར་
ཁྲོད་དུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བའི་གནས་སོ། དེར་ནི་དཀྱིལ་
འཁོར་བྲི་བར་བྱ། ཞེས་པས་ཆོས་ཀྱི་དཀྱིལ་འཁོར་དེ་ལ་བརྟེན་ནས་སྙིང་པོ་ལེན་
ཅིང་འཛིན་པ་ཉིད་ཀྱི་དོན་ཏོ། ཁྱད་པར་དུ་ནི། རི་བོ་ནི་ལུས་ཀྱི་དབུས་
ལས་ཀུན་འདར་[༤]རོ། ཚང་ཆིང་ནི་རྩ་བྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་
ོསོགས་པའོ། སྨན་ལྗོངས་ནི་ཁམས་བྱང་ཆུབ་སེམས་དྭངས་སྙིགས་ཐམས་ཅད་
དོ།་།ཕུགས་རྣམས་ནི་འདོད་ཆགས་བྲལ་བས་སྡང་ཞིང་སྐྲག་ལ། བྱ་བ་
སྤྱད་པ་ལ་སོགས་པས་ཡེ་ཤེས་རྟོགས་དཀའ་བའི་ཕྱིར་རོ། ཡང་ཆུ་བོ་ཆེན་པོ་
ནི༑ སི་ལོ་དང་གླ་རྩི་དང་ཟླ་བ་འབབ་པའི་རྩ་ལ་སོགས། དེའི་ངོགས་དག་ནི་རྩ་
འཁོར་ལོ་རྣམས་སུ་ཁམས་འདུ་བ་དག་གོ། གདོད་ནས་གྲུབ་པ་ནི་རྩ་རླུང་ཐིག་ལེ་
ཡི་གེ་ཐམས་ཅད་རང་བྱུང་དུའོ། དུར་ཁྲོད་དུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་
རྟོགས་པར་བྱེད་པའི་ས་ཕྱོགས་དབེན་པ་ཉིད་ད་དོ། དེར་ནི་དཀྱིལ་འཁོར་བྲི་བར་
བྱ༑ ཞེས་པ་དབང་ཕྱི་མ་དང་འབྲེལ་བའི་དོན་བདེ་ཆེན་བླ་ན་མེད་པ་ཀུན་རྫོབ་དོན་
དམ་བྱང་ཆུབ་སེམས་ཀྱི་སྙིང་པོ་ལེན་པའི་ཕྱིར་བསྟན་པ་ཉིད་དོ། བླ་ན་མེད་པ་ལྟར་
914


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*