བརྒྱ་ནི་དབུལ་བྱ་ཞིང་། ཞེས་པས་དེས་མཚོན་ནས། མེ་ཏོག་བདུག་སྤོས་ལ་
སོགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཡོངས་སུ་འཁོར་བའོ། ནམ་མཁའི་ཞེས་
མཁའ་སྤྱོད་མའི་མཁའ་འགྲོ་མ་རྣམས་ནི་འདིར་ལྷ་མོ་རྣམས་གཙོ་ཆེ་ཞིང་ཐུགས་ཀྱི་
དཔའ་བོ་དང་བཅས་པ་ཐམས་ཅད་ཡིད་ཀྱིས་ཏེ། རྣམ་པ་གསལ་བས་ཐམས་ཅད་
སྟེང་དུ་དགོད་པ་རྡོ་རྡོ་རྗེའི་ཀ་བ་དང་གདུང་ཟླུམ་གྱིས་ས་སོ། ས་སྟེང་མཁའ་འརྒོུ་མ་
གང་ཡིན་ནི་ལྷ་མོ་མྱུ་གུ་ཅན་ལ་སོགས་པ། དཀྱིལ་འཁོར་ཀུན་དུ་དགོད་པར་བྱ་བ་
གསུང་གི་ལྷ་ཚོགས་ཡབ་ཡུམ་སྟེ་པདྨའི་ཀ་བ་དང་པདྨའི་གདུང་ཟླུམ་གྱིས་ས་སོ། གང་
ཡང་ས་འོག་མཁའ་འགྲོ་མ་ནི་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་སྐུའི་ལྷ་ཚོགས་
དཔའ་བོ་སྟོབས་པོ་ཆེ་ལ་སོགས་པ་དེ་རྣམས་ནི་ས་འོག་གནས་སུ་དགོད་པ་འཁོར་
ལོའི་ཀ་བ་དང་གདུང་ཟླུམ་གྱིས་བཏེག་པ་ཉིད་དོ། རིམ་པ་བཞིན་ཕོ་བྲང་འཁོར་
ལོ་རིམ་པ་ཅན་དུ་གནས་པས་སྟེང་དང་ས་གཞི་མཚུངས་སོ། དེ་ལས་བདེ་བ་ཆེན་
པོའི་ལྷ་མོ་མ་མོ་བཞི་པོ་ནི་གཙོ་བོའི་ཕྱོགས་བཞིར་གནས་པ། མུ་ཁྱུད་གྲི་གུག་ཕྲེང་
བས་མཚ་ན་པ་ལའོ། གཞན་ཡང་དམ་ཚིག་འཁོར་ལོའི་མ་མོ་ཐམས་ཅད་སྒོ་བ་མ་
ནི་ཕྱོགས་དང་ཞེས་སྒོ་བཞིའི་ནང་ངོས་སོ། ཕྱོགས་མཚམས་གྲྭ་བཞི་རྣམས་སུ་
གཤིན་རྗེ་བརྟན་མ་ལ་སོགས་པ་དགོད་པར་བྱ་ཞེས་འགྲོ་བ་འདུལ་བའི་ཕྱིར་རོ།
འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་གུས་པའི་སྒོ་ནས། གལ་ཏེ་དངོས་གྲུབ་མཆོག་
འདོད་ན། ཞེས་མྱུར་དུའོ། དྲི་དང་མེ་ཏོག་བདུག་སྤོས་དང་། ཞེ།ས་བྱུག་པ་
མནྡ་[༡]ར་བ་ལ་སོགས་དང་། ཨ་ཀ་རུ་ལ་སོགས་པ་འོ། དཔལ་ལྡན་ཁྲག་འཐུང་
དཀྱིལ་འཁོར་གནས། ཞེས་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཀྱི་ཕོ་བྲང་
ཡོངས་སུ་རྫོགས་པའོ། དཔའ་བོ་རྣལ་འབྱོར་མ་མཆོང་བྱ། ཞེས་པ་ས་ཕྱི་ནང་དེ་
ཁོ་ན་ཉིད་ཀྱི་མཆོད་པ་གསང་སྔགས་ཀྱིས་བརྟེ་ན་པར་བྱེད་པའོ། ཡང་བཀོད་པའི་
་།2 2


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*