www.dharmabook.ru tibetan OCR



འཆིང་བར་འགྱུར་བ་ཡིན་ན་ནོ། མིའི་ལུས་པོ་འཇིམ་པ་ལྟ་བུ་བསྐྱེད་རིམ་གྱིས་[༡]བུམ་
པ་ལྟ་བུར་བཅོས། རྗེས་དཔག་གིས་[༢]དོན་དམ་པའི་ལྷར་བཅོས་ཀྱང་རུང་། དགེ་
བ་ཟག་བཅས་བུམ་པ་རློན་པ་དང་འདྲ། སྲོག་ཨ་ཝ་བྷཱུ་ཏཱི་ར་ཆུད་ནས་བདེ་བ་སྟོང་
པ་མོངོན་སུམ་གྱིས་གྲུབ་པའི་ཚེ་རྣལ་འབྱོར་ལུས་བརྟན་པ་གཟུགས་དང་། གཡོ་
བ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཀུན་དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་
བཅུ་གནས་བཅུར་མཁའ་འགྲོ་མའི་བརྡ་[༤]མིང་བཏགས་པ། མཐོ་རིས་ཐུགས་དང་
ས་སྟེངས་གསུང་དང་ས་འོག་སྐུའི་དཔའ་བོའི་ཡན་ལག་བརྟན་གཡོ་ཐམས་ཅད་ཧེ་རུ་
ཀའི་ཕྱག་དང་ཞབས་དང་མིག་སྤྱན་དུ་འགྱུར། མགོ་བོ་དབོད་བུར་འགྱུར། བྱང་ཞལ་
དུ་འགྱུར། རྣ་བ་སྙན་དུ་འགྱུར། འཇིག་རྟེན་ན་ཡོད་པ་ཐམས་ཅད་གཡོགས་པ་
བཞིན་དུ་མངོན་སུམ་དུ་གྲུབ་ནས་བརྗོད་བྱར་བཞུགས་སོ། ཨཱ་ལི་ཀཱ་ལི་བུམ་པ་སོ་
བཏང་བ་ལྟ་བུའི་ཐིག་ལེའི་འཁོར་ལོ་བདེ་མཆོག་བསྟན་པ་ཡིན་ནོ། ད་ནི་མངལ་
སྐྱེས་ཀྱི་འབྲས་བུ་དང་བཅས་པ་བཤད་པ་ནི། དེ་ནས་དངོས་གྲུབ་བསྒྲུབ་བྱ་བ།
ཞེས་བྱ་བ་གསུངས་ཏེ། མངལ་སྐྱེས་ཀྱི་བསམ་གཏན་གྱི་སེམས་དོན་བཅུ་བཞིས་ས་
བཅས་[༥]པ་སྒྲུབ་པ་པོ་ལ་ཕན་པའི་ཕྱིར་གསུངས་སོ། དེ་ནས་གཞན་ཡང་མདོ་སྡེ་
དང་རྒྱུད་དག་ཏུ་སྦས་པའི་དཔའ་བོ་དང་རྣལ་འབྱོར་མའི་བརྡ་ནི་དང་པོའོ།
གོས་སྟོད་གཡོགས་དང་སྨད་གཡོགས་དང་ཕྱག་མཚན་ལྔ་ཅོད་པན་དང་རྒྱན་ལ་
སོགས་པ་ནི་ལུས་ཀྱི་ཀུན་དུ་སྤྱོད་པ་གཉིས་པ་གཉིས་པོའོ། ཤེས་རབ་མདུན་དུ་གཞག་པ་ནི་
གསུམ་མོ[༧]་། ཕུར་བུ་དང་དྲ་བ་ལ་སོགས་པ་ནི་སྲུང་བའི་འཁོར་[༨]བཞི་པའོ། ཨཱ་
ལི་ཀཱ་ལི་བརྗོད་པ་བསོད་ནམས་ཀྱི་ཚོགས་སོགས་པ་ལྔ་པའོ། རྣམ་ཐར་སྒོ་གསུམ་
གྱི་རྒྱུད་ལ་སོགས་པ་སྟོང་པ་[༩]ཡེ་ཤེས་ཀྱི་ཚོགས་ནི་དྲུག་པའོ། ཉི་ཟླ་ཁ་སྦྱོར་དུ་
སེམས་འཇུག་པའི་ཡིག་འབྲུ་དང་ཕྱག་མཚན་ལ་སོགས་པས་ལྷར་བ་སྐྱེད་པ་ནི་བདུན་
9་།8

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*