www.dharmabook.ru tibetan OCRའོག་ཅེས་བྱ་བ་ལ་སོགས་པ་ནི་རྨོངས་པར་བྱེད་པ་དང་འགུགས་པར་བྱེད་པའོ།
ལས་ཀྱི་དངོས་གྲུབ་ཀྱི་ཕྱིར་མཆོད་པ་ཡིན་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་
བྱའོ༑ དེ་ལྟ་བུའི་ཆོ་ག་ནི་སྒྲུབ་པ་པོ་ཇི་སྐད་དུ་བསྟན་པའི་ལས་དཀའ་བ་མེད་པ་
ཉིད་ཀྱིས་འགྲུབ་པར་འགྱུར་བ་གསུངས་པ། ལས་རྣམས་ཐམས་ཅད་ཅེས་བྱ་བ་ལ་
སོགས་པ་སྟེ། ཞི་བ་ལ་སོགས་པ་ལས་འདི་རྣམས་ཐམས་ཅད་ཀྱི་ནང་ནས་གང་ཅུང་
ཟད་ཅི་ཡང་རུང་བའི་ལས་ཉོན་མི་མོངས་པར་དེར་འགྲུབ་བོ དངོས་གྲུབ་ཐམས་
ཅད་ཅེས་པ་ནི་ས་འོག་ལ་སོགས་པའི་དོངོས་གྲུབ་ཀྱང་དེ་ཡིས་འགྲུབ་པར་འགྱུར་བ་[༢]
ཡིན་ནོ། འདི་ནི་རིམ་པར་ཕྱེ་བ་སུམ་ཅུ་རྩ་གསུམ་པའོ།
ངེས་པར་སྦྱར་བ་ཞེས་པ་ནི་གནས་ཇི་ལྟ་བར་ངེས་པར་སྦྱར་ཏེ་མཆོད་པར་
བྱོའོ༑ འདི་ཉིད་དཀའ་འགྲེལ་ལས་གསུངས་པ། འཁོར་ལོ་གསུམ་[༢]མཆོད་པར་
བྱའོ་ཞེས་པ་ཡིན་ནོ། ཇི་ལྟར་ཞེ་ན་གསུངས་པ། དེ་ཞེས་པ་ནི་སྒྲུབ་པ་པོའོ།
རྩིབས་ཆེར་[༤]ཞེས་པ་ནི་དཀའ་འགྲེལ་ལས་རྣམ་པར་བཤད་དོ། ལྟེ་བར་ཞེས་པ་ནི་
འདིར་ཡི་གི་ཡང་བལྟ་བར་བྱའོ། ཀུན་ལ་ཐུན་མོང་དུའོ། འདི་ཉེ་བར་མཚོན་
པ་ཙམ་སྟེ་མཁའ་འགྲོ་མ་ལ་སོགས་པ་བཞི་དང་། ཁྭ་གདོང་མ་ལ་སོགས་པ་བརྒྱད་
དང་༑ རབ་ཏུ་གཏུམ་མོ་ལ་སོགས་པ་གནས་[༦]ཇི་ལྟ་བར་ངེས་པར་དགོད་པར་བྱ་བ་
ཡིན་ནོ། ངེས་པར་གཞག་[༧]ཅེས་བྱ་བ་ལ་སོགས་པ་ནི་དཔྲལ་བ་ལ་གནས་པའི་རྡོ་
རྗེའི་ཕྲེང་བའི་འོད་ཟེར་རྣམས་རྫོགས་པ་ཨ་བ་བྷཱུ་ཏཱིའི་གནས་ན་གནས་པ་རྣམ་པ་
ཐམས་ཅད་མཐོང་བ་དེའི་མི་བཟད་པའི་སྤྱན་གསུམ་པ་ཞེས་བྱ་བའི་སྒྲ་བརྗོད་པ་
དཔའ་བོ་ལ་སོགས་པ་འདི་རྣམས་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། བཟའ་བ་
ཞེས་པ་ནི་བཟའ་བ་ཇི་ལྟར་ཤེས་པའོ་ཞོའོ། དཀའ་འགྲེལ་ལས་ཀྱང་ཇི་ལྟར་རྙེད་
9བྱ་0

*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*